搜索此博客

2025年10月4日星期六

噢,同修們

 

噢,同修們   

འོ་གྲོགས་མཆོག་ལགས ད་ཉམས་ལེན་གྱི་མདོ་རྩ་ནི། བླ་མ་ལ་མོས་གུས་དྲག་པོས་ཐུགས་ཡིད་དབྱེར་མེད་ཀྱི་ངང་ནས་རང་སེམས་ཕྱིར་ཡུལ་ལ་ཕར་མ་གཏད། ནང་དུ་དྲན་པ་ཚུར་
མ་འཛིནཱ། བར་དུ་གནས་པའི་ས་མ་བཙལ་བར་དྲན་སེམས་ཐམས་ཅད་ཐད་ཀར་ཧད་དེ་རང་རང་གི་ས་དེར་སྐྱུར་ཐོངས། དེ་དུས་འདི་འདྲ་ཞེས་ངོས་བཟུང་ཅི་ཡང་སྨྲ་རྒྱུ་མི་ཆུད་ཀྱང་མེད་སོང་བའམ་བརྒྱལ་སོང་བ་ལྟ་བུ་ཡང་མ་ཡིན་པས་རང་གི་ཧ་ཞིག་གོ་འདུག་རྒྱུ་འདྲ་བ་ཞིག་ཡོད།

噢,同修們,實修的首要根本呢,是對上師生強烈的敬信到達了師徒二者心意融合無別的狀態上,心即不向外注於境,覺知正念亦不向內來執持,亦不尋覓中間住於何處,覺照之心全都當下驚愕看著,而放下那各各(?念頭)之處,那時候,既不是-連想要說: 噢“像這樣”的概念認知的念頭都進不來(並不是“不知道要說些什麽”有什麽可說的),或昏掉了的狀況,而是像是(停頓在)自己突然明白或知道(自己的)什麽了的狀態,

དེ་དྲན་འཛིན་དམ་པོས་བཅིང་ཡང་མི་དགོས། ཅི་འདྲ་གང་འདྲ་དཔྱད་ཀྱང་མི་དགོས། ཨེ་ཡིན་ཨེ་མིན་རེ་དོགས་ཡང་མི་དགོས། སེམས་རང་གི་གཏིང་གཤིས་བསམ་བརྗོད་མི་ཤེས་པ་དེའི་ངང་དེར་ལྷོད་ལ་སྡོད་ཐོངས། དེའི་ཟུར་ནས་རྣམ་རྟོག་ཟབ་ཟིབ་ཞིག་ཤར་རུང་མཐོང་ཐོས་མྱོང་ཚོར་མ་འགག་པར་གོ་རུང་། དེའི་རྗེས་སུ་མ་འདེད། ཚུར་མ་ལེན། ཕར་མ་བཀག་པར་དེ་ཐམས་ཅད་དགོས་མེད་

這也不需要強烈的警惕來約束,也不需要分析“怎麽啦,這像什麽”,也不需要“ 是嗎,不是嗎”的希懼,就在心自個兒深層本性不知言思的狀態上鬆住去,在哪縫隙邊角念頭搖搖晃晃或稀稀疏疏)的點點生起也好,(不停的?)無礙的了達見聞感受也罷,它的足跡不追,不等著迎來,不擋出去,這些都不需要的無我的棄置之,(就是放下不理它們),

བདག་མེད་ལ་སྒྱུར་ཐོངས། གཤིས་རིག་སྟོང་རྗེན་པ་ཟང་ཐལ་ལེ། གར་གཏད་འདིར་གནས་མེད་པ་དེའི་ངང་དུ་སྡོད་ཚུགས་པར་གྱིས་དང་། རྣམ་རྟོག་ཐམས་ཅད་སེམས་ཀྱི་རྩལ། ཆུའི་རླབས་དང་ཉི་མའི་ཟེར་འདྲ་བ་ཡིན་པས། དེའི་གཤིས་ལ་ཕན་གནོད་ཅི་ཡང་མེད། མདོར་ན་ཀུན་མཁྱེན་འཇིགས་མེད་གླིང་བས། སྒོམ་རྒྱུ་རྡུལ་ཙམ་མེད་པ་ལ། །ཡེངས་རྒྱུ་སྤུ་ཙམ་མེད་པར་ཤོག །ཅེས་དང་། མ་ཡེངས་མི་སྒོམ་གཉུག་མའི་རང་གཤིས་ལྷོད། །གསུང་པ་ལྟར་བསྒོམ་འདུག་རྒྱུའི་གཏད་སོ་ཅི་ཡང་མེད་རུང་གཡེངས་འགྲོ་རྒྱུའི་རྣམ་རྟོག་ལྐོག་འབྱམས་ཀྱི་དབང་དུ་སྐད་ཅིག་ཀྱང་མ་ཤོར་བ་གལ་ཆེ་སྟེ། གོང་སྤྲུལ་རིན་པོ་ཆེའི། དྲན་རིག་ངོ་བོ་ཅི་ཡང་མ་གྲུབ་ཅིང་། གཏད་སོ་མེད་ཀྱང་རང་ཚུགས་འཛིན་རྒྱུ་ཡོད། །ཅེས་གསུངས་པ་ལྟར་སེམས་ཐ་མལ་བའི་རང་གཤིས་དེ་མཉམ་བཞག་རྗེས་ཐོབ་འགྲོ་འདུག་བྱ་སྤྱོད་འདོན་བཟླས་གང་གི་སྐབས་སུ་ཡང་མ་བརྗེད་དང་། རེ་ཞིག་གི་མདོ་རྩ་དེ་ཡིན་སྙམ་ཤར་ལགས། ཅེས་གྲོགས་མཆོག་རྣམ་གཉིས་ཀྱིས་ངོར་ཝ་བླས་ཕུལ་ལོ། 本性覺空赤裸通透無物,全無 在這在哪的就只踏實(宴坐)安住於其狀態中,一切念頭乃心力,就如水之波與日之光,它的(本原)本質無害亦無利,總之,遍知吉美林巴說:無有塵許可修持,亦無絲毫可散亂。以及:不散不修鬆住元始之本性(不散不修元始本性放)。之說般,是沒有任何可修的標的,然而剎那亦不落入會散亂的隱蔽蔓延念頭之手是為最要。恭珠仁波切說的:心念體性啥都不成立,雖無標的卻有自主執(自己擁有構想的本事)

一如此說,這心的平常本性不管是禪定、後得、行住、做事、唸誦任何時刻都莫忘失,這是我暫時想到的要點。 以上是應二位勝友所請,瓦啦謹獻。   金碧桑仟草譯稿出自洛朵

没有评论:

发表评论