搜索此博客

2024年3月19日星期二

離戲勝義上師修持法 ༄༅། །སྤྲོས་མེད་དོན་གྱི་བླ་སྒྲུབ་བཞུགས་སོ། ། Tulku Urgyen Rinpoche

 

༄༅། སྤྲོས་མེད་དོན་གྱི་བླ་སྒྲུབ་བཞུགས་སོ    

                                                      Tulku Urgyen Rinpoche

 離戲勝義上師修持法

སྔོན་འགྲོ།

前行

 ཡེ་གྲོལ་རིག་པ་དོན་གྱི་སྐྱབས། 

元解本覺勝義怙

རིག་རྩལ་སྙིང་རྗེའི་སེམས་བསྐྱེད་དོ། 

覺力悲愍之心

མ་རིག་གཟུང་འཛིན་བག་ཆགས་བགེགས།

無明能所習氣障    二執

རང་གྲོལ་ཀློང་དུ་མཚམས་བཅད་དོ། 

自解境中界結矣

རྣམ་པར་དག་པའི་མཆོད་སྤྲིན་ཀུན། 

全然清淨諸供雲

ཡེ་ཤེས་རོལ་པས་བྱིན་ཆེན་ཕོབས། 

本智神變巨福降

 

དངོས་གཞི་ནི།

正行

 སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་འདིར། 

顯有立基此壇城  顯有為基之基

ངོ་བོ་རང་བཞིན་ཐུགས་རྗེ་ཡིས། 

體性自性悲用力

འཁོར་འདས་ཡོངས་ལ་ཁྱབ་པར་གདལ། 

敷展遍滿全輪涅

མ་དག་པ་ཡི་མིང་མེད་པས། 

無有不清淨之名

དེ་ཕྱིར་ཨོ་ཌཱི་ཡ་ན་བདག 

是故鄔迪亞那我

བདེ་གཤེགས་སྙིང་པོའི་རང་བཞིན་ཅན། 

具如來藏之本質

ཆ་ལུགས་ཇི་བཞིན་དེ་བཞིན་དུ། 

行裝如何即如何

མ་བཅོས་ལྷུག་པའི་ཚུལ་དུ་བསྐྱེད། 

無作鬆坦然升起  生起

 སྙིང་ཁར་རིགས་འདུས་རྡོ་རྗེ་སེམས། 

心間部聚金剛心   諸部總聚

ཡེ་ཤེས་སེམས་དཔའི་ངོ་བོར་བཞུགས། 

智慧薩埵體性住

ཏིང་འཛིན་སེམས་དཔའ་ཀུན་ཏུ་བཟང༌། 

禪定薩埵普賢王

མ་བསྐྱེད་ཡེ་རྫོགས་ཆེན་པོར་གསལ། 

未生大本圓而顯  觀現

 

སྤྱན་འདྲེན་ནི།

迎請

 དོན་དམ་གཤེགས་བཞུགས་མི་མངའ་ཡང༌། 

雖然勝義無來住

སྣང་ཚུལ་ཙམ་དུ་སྤྱན་འདྲེན་ནོ། 

僅依顯態而迎請   顯理

ཐ་དད་མེད་པར་བཞུགས་སུ་གསོལ།

無分別處請安住

རོ་མཉམ་ལྟ་བས་མཇལ་ཕྱག་འཚལ། 

等味見

ཀུན་བཟང་རྣམ་རོལ་མཆོད་པས་མཆོད། 

獻上普賢神變供

སྒྲིབ་གཉིས་དག་ཚངས་ཀློང་དུ་བཤགས། 

二障純淨界中懺

ཡང་དག་ཉིད་དུ་རྗེས་ཡི་རངས། 

隨喜成於真實性

དུས་མེད་དོན་དམ་ཆོས་འཁོར་བསྐུལ། 

無時勝義法輪請轉

རྒྱུན་མི་ཆད་པར་རྟག་བཞུགས་ནས། 

永無斷絕恆安住

དམིགས་མེད་དགེ་ཚོགས་འགྲོ་ལ་བསྔོ། 

無緣善聚迴眾生 

འཛབ་བཟླས།

唸誦

 སྙིང་དཀྱིལ་མཐིང་ཀ་ཁྱབ་ཆེན་དབུས། 

心壇藍色廣遍中

ཐིག་ལེ་སྟོང་སྒྲོན་དྭངས་མའི་དཀྱིལ། 

明點空燈純晶中    瑩淨 結晶晶華

རིག་གདངས་ལུག་རྒྱུད་ཨ་རུ་གསལ། 

覺輝環鏈形成阿   ཨ  覺昭覺之明輝明而非亮

རང་བབས་དྲན་རིག་རྒྱུན་མི་ཆད། 

鬆散照覺無間斷    寬坦自然(憶念)覺照覺知

ཐམས་ཅད་སངས་རྒྱས་ཞིང་དུ་གྱུར། 

一切全成佛淨土

 

  

ah ah ah

 阿阿阿

རྡོར་བཟླས་བྱ།

修金剛誦

 

རྗེས་སུ།

結行

གཞི་སྣང་རྩལ་དང་རོལ་པ་རྣམས། 

基顯力及諸幻化   本基之顯化能力及所化

གཞི་དབྱིངས་ཀ་དག་ཀློང་དུ་ཐིམ། 

融入本淨基界境     總基本淨廣境中

དུས་གསུམ་དུས་མེད་དགེ་རྩ་ཀུན། 

三時無時諸善根

འཁོར་གསུམ་ཡོངས་སུ་དག་པས་བསྔོ། 

三輪全淨作迴向

ཁྱབ་བདག་ལྷུན་གྱིས་གྲུབ་པ་ཡིས། 

遍主任運天成令

དེ་ཁོ་ན་ཉིད་བཀྲ་ཤིས་ཤོག 

空性真如吉祥臨

 

བསྐུལ་བ་པོ་ཡི་ངོར་མི་བཟློག ཨོ་ཌཱི་ཡ་ནས་སུག་ལས་སོ།། །།

難卻勸請者盛情 鄔迪亞那手書之

 

 

没有评论:

发表评论